强制拆除违法建筑公告
波密县人民政府: www.bomi.gov.cn
2022年04月20日 04:57

群宗,女,藏族,西藏洛隆县白达乡土尼村人,身份证号:5421321988****0085,联系方式:188****8939。
在未经批准的情况下,非法占用位于波密县拟建“二小”国有建设用地217.3平方米,违反了《中华人民共和国城乡规划法》第四十条第一款,2020年4月29日,波密县自然资源局下发《行政处罚告知书》,另于2020年6月19日,送达了《履行行政处罚决定催告书》,限期在10日内自行将违法建筑物(建筑面积62.76平方米)全部拆除。
由于当事人未在限期内自行拆除上述违法建筑物,并且在中止执行期间又扩建了围墙,为维护行政执法的严肃性,根据《中华人民共和国行政强制法》第四十四条规定,县城市管理和综合执法局将组织强制拆除工作,现将相关强制拆除事项公告如下:
1.由于当事人未在限期内自行拆除上述违法建筑物,不申请复议也不申请诉讼,根据《中华人民共和国行政强制法》第四十四条的规定,本机关将依法实施强制拆除,强制拆除费由群宗自行承担。
2.自本公告发布之日起7个工作日内,由群宗及家属自行搬离违法建筑内的财物,逾期未搬离的,波密县人民政府和县城市管理和综合执法局将在无利害关系的第三方见证下,对违法建筑物内的财物登记造册,运送指定地点存放。
3.对于强制拆除活动,任何单位和个人不得阻挠和干涉,否则将依法追究其相应的法律责任。
特此公告
波密县人民政府
2022年4月20日
ཁྲིམས་འགལ་གྱི་འཛུགས་སྐྲུན་བཙན་ཤེད་ཀྱིས་བཤིག་རྒྱུའི་སྤྱི་བསྒྲགས།
ཆོས་འཛོམས། བོད་ལྗོངས་ལྷོ་རོང་རྫོང་པད་གདགས་ཤང་ཐོག་གཉིས་གྲོང་ཚོའི་གྲོང་མི། བུད་མེད། བོད་རིགས། ཐོབ་ཐང་ལག་ཁྱེར་ཨང་གྲངས། 5421321988****0085 འབྲེལ་གཏུགས་ཁ་པར་ཨང་གྲངས།188****8939
ཁྱོད་ཀྱིས་ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་གྱིས་སྤོ་བོ་རྫོང་སློབ་ཆུང་གཉིས་པ་བསྐྲུན་རྩིས་ཡོད་པའི་རྒྱལ་དབང་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྨི་གྲུ་བཞི་མ་217.3བཟུང་སྤྱོད་བྱེད་པ་དང་།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས»ནང་འཁོད་པའི་དོན་ཚན་བཞི་བཅུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་འགལ་ཡོད།2020ལོའི་ཟླ་4ཚེས་29ཉིན་སྤོ་བོ་རྫོང་རང་བྱུང་ཐོན་ཁུངས་ཅུད་ནས་«སྲིད་འཛིན་ཆད་གཅོད་གསལ་བརྡ་ཡི་གེ»གཤམ་བསྒྲགས་བྱེད་པ་དང་།2020ལོའི་ཟླ་6ཚེས་19ཉིན་«སྲིད་འཛིན་ཆད་གཅོད་ཆོད་དོན་ལག་བསྟར་བྱ་རྒྱུའི་སྐུལ་འདེད་ཡི་གེ»ཡང་གཤམ་བསྒྲགས་བྱས་ཡོད།དུས་བཀག་ཉིན་བཅུ་ནང་ཁྲིམས་འགལ་གྱི་འཛུགས་སྐྲུན་(འཛུགས་སྐྲུན་སྨི་ངོས་གྲུ་བཞི་མ་62.76)ཆ་ཚང་བཤིག་དགོས་པའི་བརྡ་ཐོ་བཏང་ཡོད།
དོ་བདག་གིས་དུས་བཀག་ནང་རང་འགུལ་གྱིས་གོང་སྨོས་ཁྲིམས་འགལ་འཛུགས་སྐྲུན་དངོས་པོ་བཤིག་མེད་ཅིང་ལག་བསྟར་བྱེད་མཚམས་འཇོག་རིང་གྱང་བརྩིག་ནས་ས་རྒྱ་ཆེ་རུ་བཏང་ཡོད།སྲིད་འཛིན་ཁྲིམས་བསྟར་གྱི་གཟབ་ནན་རང་བཞིན་སྲུང་སྐྱོང་བྱེད་ཆེད།«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བཙན་འདོམས་བཅའ་ཁྲིམས»ཀྱི་དོན་ཚན་བཞི་བཅུ་ཞེ་བཞི་པའི་གཏན་འབེབས་ལྟར།རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད་ཀྱིས་བཙན་ཤེད་ཀྱིས་བཤིག་གཏོར་ལས་ཀ་སྒྲིག་འཛུགས་བྱ་རྒྱུ་དང་།ད་ལྟ་འབྲེལ་ཡོད་བཙན་ཤེད་བཤིག་གཏོར་གྱི་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམགསལ།
1.དོ་བདག་གིས་དུས་བཀག་ནང་གོང་གསལ་གྱི་ཁྲིམས་འགལ་འཛུགས་སྐྲུན་དངོས་པོ་རང་འགུལ་གྱིས་བཤིག་མེད་པ་དང་།བསྐྱར་གྲོས་བྱེད་མེད་ལ་གཏུག་བཤེར་ཡང་མི་ཞུ་བའི་རྐྱེན་གྱིས་«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བཙན་འདོམས་བཅའ་ཁྲིམས་»ཀྱི་དོན་ཚན་བཞི་བཅུ་ཞེ་བཞི་པའི་གཏན་འབེབས་ལྟར།ལས་ཁུངས་དེ་གས་ཁྲིམས་ལྟར་བཙན་ཤེད་ཀྱིས་བཤིག་རྒྱུ་དང་། བཙན་ཤེད་ཀྱིས་བཤིག་པའི་གྲོན་དངུལ་རང་སོ་སོས་འགན་འཁུར་རྒྱུ།
2.སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་བདུན་ལས་ཀའི་ཉིན་གྲངས་ནང་ཆོས་འཛོམས་དང་ནང་མིས་རང་འགུལ་ངང་ཁྲིམས་འགལ་འཛུགས་སྐྲུན་ནང་གི་རྒྱུ་ནོར་གནས་སྤོ་བྱ་དགོས་པ་དང་དུས་བཀག་ནང་མ་སྤོ་ཚེ་སྤོ་བོ་རྫོང་མི་དམངས་སྲིད་གཞུང་དང་རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད་ཀྱིས་ཕན་གནོད་ཀྱི་འབྲེལ་བ་མེད་པའི་ཕྱོགས་གསུམ་པའི་དཔང་རྟགས་འོག་ཁྲིམས་འགལ་འཛུགས་སྐྲུན་ནང་གི་རྒྱུ་ནོར་ཐོ་འགོད་དེབ་བཟོས་ནས་དམིགས་འཛུགས་ས་གནས་སུ་ཉར་ཚགས་བྱ་རྒྱུར་སྐྱེལ་རྒྱུ་ཡིན།
3.བཙན་ཤེད་བཤིག་གཏོར་ལས་དོན་ལ་ཚན་པ་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་བཀག་འགོག་དང་ཐེ་གཏོགས་བྱས་མི་ཆོག་དེ་ལྟར་མ་བྱས་ན་བཅའ་ཁྲིམས་ལྟར་དེར་མཚུངས་ཀྱི་ཁྲིམས་ལུགས་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
དེ་དོན་ཆེད་དུ་སྤྱི་བསྒྲགས་སྤེལ།
སྤོ་བོ་རྫོང་མི་དམངས་སྲིད་གཞུང་
2022ལོའི་ཟླ་4ཚེས་ 20 ཉིན་།
扫一扫在手机打开当前页
【字体:大 中 小】
【打印本文】
相关信息